ཤི་མ་ཐུབ་པའི་སྔ་གཞུག

བདེན་དོན་དངོས་མ་ཞིག་གི་ཆེད་དུ

བདེན་དོན་དངོས་མ་ཞིག་གི་ཆེད་དུ
རྣམ་ཤེས་གང་མང་ཞིག་འདི་ལྟར་མུན་ནག་གི་གཡོག

Sunday 16 November 2008

ནཟུག


བཟོད་ཐབས་བྲལ་བའི་ན་ཟུག
འཇགས་མི་སྲིད་པའི་བཞུར་རྒྱུན་དང་འདྲེས་ནས
བདག་གི་སེམས་ཁོང་ལ་ཟུག་གཟེར་སློང་
བདེན་དོན་དངོས་མ་ཞིག་གི་ཆེད་དུ

མིས་མི་སྲོན་པའི་ན་ཟུག་ཞིག་དང་
ལྷས་མི་ལྡོག་པའི་ལན་ཆགས་ཞིག སླར་ཡང་
ཡུགས་ས་མའི་ངུ་སྐད་དང་
དྭ་ཕྲུག་གི་ངུ་འབོད་ཁྲོད མངོན་དུ་གྱུར



ངག་རྒྱུན་གྱི་མགྲོན་པོ


དོན་དངོས་སུག་ཡོད་དམ་མེད་ ཡོད་ན


ལྡོག་མེད་ཀྱི་ལས་འབྲས་དེ་ལ


ཕྱོགས་རིས་མེད་པར་སྨོན


བདེ་ནས་བདེ་བར་འདོད་པའི་འགྲོ་བ་ལ

༢༠༠༨ལོའི་དོན་རྐྱེན་ལ།



No comments: