ཤི་མ་ཐུབ་པའི་སྔ་གཞུག

བདེན་དོན་དངོས་མ་ཞིག་གི་ཆེད་དུ

བདེན་དོན་དངོས་མ་ཞིག་གི་ཆེད་དུ
རྣམ་ཤེས་གང་མང་ཞིག་འདི་ལྟར་མུན་ནག་གི་གཡོག

Saturday 27 February 2010

བྲན་་གཡོག།


སྨྲ་བརྗོད་དང་རང་དབང་གི་དབང་བསྒྱུར་བོར་བའི་
དཀྱོགས་མཚམས་དང་པོ
སྐྱག་དྲི་དང་གཅིན་དྲི་འཐིལ་བའི་མལ་ས་རྫོབ་རོ
ཡོད་ཚད་ལ་རོ་ལངས་བརྒྱབ་རྗེས་དུར་སྒམ་
ནག་པོ་ཞིག་ལས་མ་འདས
མིང་བྱང་རུལ་བ་ཞིག་གི་ཆོ་ལོ་ཁྱེད་ལ་རེག་དུས
ལས་སྐལ་གྱི་ལྷ་ཚོགས་ལ་དབང་པའི་བྲན་གཡོག་དངོས་མ་དེ་ཁྱེད་ཡིན
གདོད་མ་ནས་སྲོལ་རྒྱུན་རྙིང་པ་ཞིག་གི་

མིང་བྱང་ཁྱེད་ལ་གནང་བ
བླ་ཆེན་དང་སྐུ་དྲག་ཚོས་བྱིན་རླབས་ཡིན་ལ

འཇགས་མི་སྲིད་པའི་བཞུར་རྒྱུན་འདིའི་ལན་ཆགས་ཀྱང་ཡིན

No comments: