ཤི་མ་ཐུབ་པའི་སྔ་གཞུག

བདེན་དོན་དངོས་མ་ཞིག་གི་ཆེད་དུ

བདེན་དོན་དངོས་མ་ཞིག་གི་ཆེད་དུ
རྣམ་ཤེས་གང་མང་ཞིག་འདི་ལྟར་མུན་ནག་གི་གཡོག

Sunday 28 February 2010

བདག་གི་སྙན་ངག་གི་ལྷ་མོ་རྡོ་རྗེ་ལ།

སེམས་པ་སེམས་ཀྱིས་མ་ཤེས།།
བརྩེ་བ་བརྩེ་བས་མ་བསྐྱངས།།
ཁྱེད་ལ་འཁྲེང་བའི་སེམས་པ།།
མྱི་ཁའི་ཀློངས་ནས་རྒས་སོང་།།

སེམས་དང་བསམ་པ་མ་མཐུན།།
ལུས་དང་གྲུབ་མ་མ་འདྲེས།།
ཨ་ཐང་ཆད་པའི་སེམས་པ།།
ཆར་ཡན་ཀློང་ནས་བོར་སོང་།།

རེ་བ་ལྷ་ལ་བཅོལ་ཏེ།།
རེ་ལྟོས་མི་ལ་བྱས་ཀྱང་།།
རེ་འབྲས་ན་བུན་མཐུག་པོ།།
རེ་བཞག་ཁྲོད་ནས་ཡལ་སོང་།།

ཡིག་ལན་མེད་པའི་འཕྲིན་པ།།
སེམས་དང་བསམ་པའི་ཕོ་ཉ།།
གོ་མེད་ཚོར་མེད་ངང་ནས།།
རྨི་ལམ་ཞིང་ལ་ཆས་སོང་།།

བདག་མ་ཐུབ་པའི་གོམ་ཁ་
བར་དོའི་པའི་རྣམ་ཤེས་ཡིན་ལ
ལོ་མ་སེར་པོའི་ལས་དབང་ཀྱང་ཡིན

No comments: