ཤི་མ་ཐུབ་པའི་སྔ་གཞུག

བདེན་དོན་དངོས་མ་ཞིག་གི་ཆེད་དུ

བདེན་དོན་དངོས་མ་ཞིག་གི་ཆེད་དུ
རྣམ་ཤེས་གང་མང་ཞིག་འདི་ལྟར་མུན་ནག་གི་གཡོག

Thursday 4 March 2010

ཆ་འཕྲིན་ལས་གཞིས་ལུས་བུད་ཅིག་ལ་ཐུག་རྗེས།

རྩེད་མཚར་དང་ཀུ་རེའི་ཁྲོད་ཆ་འཕྲིན་གྱི་གཏམ་སྒོ་འབྱེད་དུས། དུང་བ་ཟབ་མོ་ཞིག་གིས་ཞོ་ལྟར་ཆགས་པའི་ཕ་ཡུལ་གྱི་རི་ཆུ་ནགས་གསུམ་ལ་བདེ་འཚམས་གླེང་ཞོར་། ལྷད་མེད་ཀྱི་གཤིས་ཀ་དངས་མོ་ཞིག་གི་འགྲིན་ངག་གཡར་ནས་ཡལ་བཞིན་པའི་མཐོ་སྒང་གིི་རྣམ་ཤེས་ཤིག་ལ་བླ་འགུགས་བྱས་པ། ས་མཐའི་གནས་མལ་ནས་རྙེད་པའི་ཆེས་ཐོག་མའི་གཤིས་ཀ་གཉོམ་ཤེས་ཤིག་དང་། ཆེས་མཐའ་མའི་གྱེས་ཕྱག་ཟབ་ཤེས་དེ་ཡང་ཡིན། སྲིང་ཆུང་མ་། ལས་སྐལ་ཀྱི་བདག་མོ། མཐོ་སྒང་གི་མ་ཡུམ། ཆ་འཕྲིན་ལས་རང་སྐད་གཙང་མའི་ལབ་གླེང་བྱས་པ། ས་མཐའི་ཁྱིམ་གཞི་ལ་དྲོད་ཁོལ་ཡལ་བའི་མུན་ནག་གི་མཚན་མོ་ཡིན་ལ།སྙན་འགྱུར་གྱི་དབྱངས་དབྱངས་རྟ་ལས་བརྩེ་སེམས་ཀྱི་གླུ་གཞས་བླངས་
པ། ས་མཐའི་ཁེར་རྐྱང་གི་འཚོ་བ་ལ་ཆག་གྲུམ་ཤོར་བའི་མི་ལོ་ཉི་ཤུའི་དྲན་ཐོ་ཡིན། དུས་ཚོད་ཀྱི་བརྡབ་གསིག་ལས་མི་འདོད་པའི་གྱེས་ཕྱག་ཕུལ་བ།རྒྱལ་ཁབ་མེད་པའི་འབངས་མི་ཞིག་གི་ལས་དབང་
གི་ཁ་ཕྱོགས་ཡིན། སྲིང་ཆུང་མ། སྐབས་འདི་གི་མགོ་མཇུག་ན། ང་དང་གྲོགས་པོ་ཚོའི་རང་རང་གི་དུངས་ཀ་དང་མྱོང་ཚོར་ལ་སྡོམ་ཚིག་རེ་རྒྱག་ཞོར ཁྱེད་དང་ཁྱེད་ལྟ་བའི་བོད་རིགས་རྣལ་མ་དག་
གི་བོད་ལ་གཙང་མ་རེ་དང་བོད་སྐད་དག་མོ་ཞིག་ནམ་ཡང་མཇལ་འདོད་དང་དུངས་ཀ་ཆེ། སྲིང་ཆུང་མ། ལས་སྐལ་གྱི་མུན་པ་འཐུག་ས་ན་། ང་དང་ཁྱེད་ ད་དུང་གཞན་དག་གང་མང་ཞིག འདི་ལྟར་གྱེས་བྲལ་གྱི་མནར་གཅོད་འོག མི་ལོ་ལྔ་བཅུའི་ལོ་ཟླའི་རྒྱུད་རིམ་ལ་མི་འདོད་པའི་གྱེས་ཕྱག་ཕུལ་བ། བདེན་དོན་དངོས་མ་ཞིག་གི་ཆེད་ཡིན་པས། སེམས་མ་སྐྱོ། བློ་མ་ཕམ།
གྲ་སྒྲིག་སྡུག་ས་ནས་བྱེད་ཞོར། རེ་བ
བཟང་སར་རྒྱག་དགོས། ལས་སྐལ་གྱི་བདག་མོ། འདི་ནི་ཆེས་རླབས་ཆེན་གྱི་སྐྱབས་གནས་ཤིག་གི་ཞལ་ཆེམས་ཡིན་པས། ངེས་པར་དུ་ཡིད་ཆེས་དང་ལག་ལེན་བྱེད་ཞོར། མདུན་ནས་མདུན་དུ་སྐྱོད་དང་།
བསླུ་བ་མེད་པའི་སྐྱབས་གནས། ནམ་ཡང་མཆོག་གསུམ་ཡིན།

No comments: