ཤི་མ་ཐུབ་པའི་སྔ་གཞུག

བདེན་དོན་དངོས་མ་ཞིག་གི་ཆེད་དུ

བདེན་དོན་དངོས་མ་ཞིག་གི་ཆེད་དུ
རྣམ་ཤེས་གང་མང་ཞིག་འདི་ལྟར་མུན་ནག་གི་གཡོག

Thursday 4 March 2010

བདེ་མོ་བྱོས་།

ད་བདེ་མོ་བྱོས
ང་དངོས་ནས་ཨ་ཐང་ཆད་སོང་
བདེ་མོ་བྱོས

འཇིག་རྟེན་ཁ་དཔེ་ལ
བརྗེད་རྒྱུ་མེད་རུང་རྙིང་རྒྱུ་ཡོད་ཟེར་བ
དངོས་གནས་བདེན་པ་རེད དེའི་རྐྱེན རི་ངོགས་ཀྱི་གྲོང་ཚོ་འདི་ནས
བདེ་མོ་བྱོས

ངག་རྒྱུན་གྱི་མགྲོན་པས་ཀྱང་
ལས་འབྲས་ལྡོག་མེད་ཡིན་གསུངས་པ
འཇིག་རྟེན་དཀར་ངོགས་འདི་ནས ཞིབ་འདང་རེ་བརྒྱབ་ན
དེ་ཡང་བདེན་པར་ངེས་པས
ལྐོག་གྱུར་གྱི་གསང་ལམ་འདི
བདེ་མོ་བྱོས

བརྗེད་མི་ཐུབ་པ་ཞིག་ལ
རྡོ་རྗེ་ཡིན་ཟེར་བ
ཁྱེད་ཀྱི་ལྐོག་གྱུར་གྱིས་མཐའ་ཚིག་ཡིན་ལ
བདག་གི་ན་ཟུག་ཅིག་གིས་ཁ་སྣོན་དང་
ཆེས་མཐའ་མའི་གྱེས་ཕྱག་ཕུལ་ས་དེ་ཡང་ཡིན་པས
དྲན་ཤིང་གི་ཁུགས་འགོ་འདིར
འགྱུར་བ་ཞིག་དང་ལྷན་དུ་བཞུད་འགྲོ་ངེས
བདེ་མོ་བྱོས

སོ་སོའི་དམིགས་འབེན་དངོས་མ་ཞིག་དང་
དུང་བ་ངོ་མ་ཞིག་གི་ཆེད་དུ་
གཏན་དུ་བདེ་མོ་བྱོས
བདེ་མོ་བྱོས

No comments: