ཤི་མ་ཐུབ་པའི་སྔ་གཞུག

བདེན་དོན་དངོས་མ་ཞིག་གི་ཆེད་དུ

བདེན་དོན་དངོས་མ་ཞིག་གི་ཆེད་དུ
རྣམ་ཤེས་གང་མང་ཞིག་འདི་ལྟར་མུན་ནག་གི་གཡོག

Thursday 4 March 2010

སྒེའུ་ཁུང་བརྒྱབ་འདུག

ལོ་ཟླའི་དྲན་ཤིང་གི་མངར་ཁ་རུམ་ཁ་པའི་ཞག་ལྒོྲན་འོག་ན
ལས་རླུང་གི་དེད་པའི་གསལ་ལ་མི་གསལ་པའི་ཞལ་རེས་ཤིག་གི་སྒྲོམ་གཞིའི་འོག་ནས
གནས་ཚང་མ་གཡར་བའི་ངོ་གདུང་ལ་ས་རྡུལ་ཆགས

ཕལ་ཆེར་ལོ་གཅིག་དང་ཟླ་ངོ་ཁ་ཤས་འགོར་བའི་དེ་རིང་
རྒྱུན་ལྡན་གྱི་གོམ་གཤིས་བཞིན་ཆགས་པའི་ལམ་འགྲམ་ནས་ཕར་བལྟས་ན་སྒེའུ་ཁུང་ད་དུང་བརྒྱབ་འདུག
ཤེལ་ངོས་དང་ཉེ་འཁོར་གྱི་འཁོར་ཡུག་ཀུན་ལ་ས་རྡུལ་ཆགས་ནས་ཡུན་རིང་འགོར་བའི་སྣང་བ་ལྟར
མ་གཞི་ཁོ་སོང་ནས་ཉིན་ཁ་ཤས་ལས་འགོར་མེད
བུད་སོང་བའི་སྣང་བ་ཞིག་དང་བོར་སོང་བའི་ཚོར་སྣང་ཞིག་གིས་བརྒྱབ་འདུག་པའི་སྒེའུ་ཁུང་ལ་ཡང་ཡང་སོ་བལྟ་བྱས
འདི་ནི་འགྲོ་འདུག་ལ་དབང་མ་ཐོབ་པའི་སེམས་པ་ཞིག་གི
ཁ་བྲལ་བའི་ཉིན་འགའི་ཚོར་སྣང་དང་རེ་སྒུག་གི་བསྐྱལ་བའི་ཆེས་བའི་བརྩེ་སེམས་ཀྱི་དངས་མ་ཡིན

No comments: