ཡལ་མེད་ཀྱི་གྲིབ་གཟུགས
ངའི་མིག་ལམ་ན
ཤུགས་རིང་ནར་མོ་ཞིག་དང་ལྷན་དུ
འཆར་སླ་ལ་ཡལ་དཀའ་བའི
ཉིན་ཞག་འདི་ཚོར
དངོས་གནས སྙིང་རྗེ་བོ་ཞིག་དང
སྙིང་ཉེ་བོ་ཞིག་འདུག
དེའི་ཕྱིར ཉིན་ཞག་འདི་ཚོར ང
སྡོད་མི་ཐུབ་པའི་སེམས་པ་འདི་དང
གཉིད་མི་ཁུགས་པའི་སེམས་འདི་གཉིས་ལས
འབྲལ་མ་ཐུབ་པས
བྲན་གཡོག་དངོས་མ་ཞིག་དང
སོ་བ་རྫུན་མ་ཞིག་ཡིན
ཁེར་རྐྱང་གི་མལ་ས་འདིར
ཞེས་ལོ་མ་སེར་བོས་རེ་སྒུག་གི་གྲུ་ཁ་ཞིག་ནས།
ངའི་མིག་ལམ་ན
ཤུགས་རིང་ནར་མོ་ཞིག་དང་ལྷན་དུ
འཆར་སླ་ལ་ཡལ་དཀའ་བའི
ཉིན་ཞག་འདི་ཚོར
དངོས་གནས སྙིང་རྗེ་བོ་ཞིག་དང
སྙིང་ཉེ་བོ་ཞིག་འདུག
དེའི་ཕྱིར ཉིན་ཞག་འདི་ཚོར ང
སྡོད་མི་ཐུབ་པའི་སེམས་པ་འདི་དང
གཉིད་མི་ཁུགས་པའི་སེམས་འདི་གཉིས་ལས
འབྲལ་མ་ཐུབ་པས
བྲན་གཡོག་དངོས་མ་ཞིག་དང
སོ་བ་རྫུན་མ་ཞིག་ཡིན
ཁེར་རྐྱང་གི་མལ་ས་འདིར
ཞེས་ལོ་མ་སེར་བོས་རེ་སྒུག་གི་གྲུ་ཁ་ཞིག་ནས།
No comments:
Post a Comment