ལུད་པ་ནག་པོ
མིད་མི་ཐུབ་པའི་ལུད་པ་ནག་པོ
འཕེན་ཡང་མི་ཐུབ་ལ
འཕེན་ཡང་མི་བཟོད་
འཕེན་མི་ཐུབ་པ་འཁོར་ཡུག་ཅིག་གི་ཆེད་ཡིན་ལ
མིད་མི་འདོད་པ་ན་ཟུག་ཅིག་གི་ཆེད་ཡིན
གླེང་རན་པའི་ལུད་པ་ནག་པོ
ན་ཚ་ཞིག་གི་སྔ་ལྟས་ཡིན་ལ
རྣམ་ཤེས་ཤིག་གི་གཤེད་མ་ཡང་ཡིན
དེ་ཕྱིར་ངས
ལུད་པ་ནག་པས་འཁོར་ཡུག་མ་རྫོབ་སྔོན
ལུད་ནག་པས་མིད་པ་མ་འགགས་སྔོན
རྒ་བཞིན་པའི་ངོ་གདོང་འདིའི
རྒྱབ་ངོས་ལ་ཞིབ་ལྟ་ཞིག་བྱེད་འདོད
ལུད་པ་ནག་པོ
མིད་མི་ཐུབ་པའི་ལུད་པ་ནག་པོ
འཕེན་ཡང་མི་ཐུབ་ལ
འཕེན་ཡང་མི་བཟོད་
འཕེན་མི་ཐུབ་པ་འཁོར་ཡུག་ཅིག་གི་ཆེད་ཡིན་ལ
མིད་མི་འདོད་པ་ན་ཟུག་ཅིག་གི་ཆེད་ཡིན
གླེང་རན་པའི་ལུད་པ་ནག་པོ
ན་ཚ་ཞིག་གི་སྔ་ལྟས་ཡིན་ལ
རྣམ་ཤེས་ཤིག་གི་གཤེད་མ་ཡང་ཡིན
དེ་ཕྱིར་ངས
ལུད་པ་ནག་པས་འཁོར་ཡུག་མ་རྫོབ་སྔོན
ལུད་ནག་པས་མིད་པ་མ་འགགས་སྔོན
རྒ་བཞིན་པའི་ངོ་གདོང་འདིའི
རྒྱབ་ངོས་ལ་ཞིབ་ལྟ་ཞིག་བྱེད་འདོད
ལུད་པ་ནག་པོ
No comments:
Post a Comment